གསུམ་པེ་ཚེ་བཅུ་དེ་འདའི་སྐྱོ་བ་ལ་།
ལྔ་བརྒྱ་དུས་ཀྱི་ཚུབ་རླུང་རབ་ཏུ་འཇིག་།
ཁྱེད་སྐུས་ཉི་མ་གཞོན་ནུ་གང་དུ་གཤེགས་།
ཉམ་ཐག་འགྲོ་ལ་ཀུན་ཁྱབ་དཔལ་མོ་ཞིན་།
ཁྱེད་སྐུས་དབང་བའི་གཞུ་ཞིན་གང་དུ་ཡལ་།
འགྲོ་བའི་སྒྲོན་མེ་མཐོ་རིས་སྣང་བྱེད་བཟུང་།
རྒྱུ་སྐར་བདག་པོ་ཆུ་ལྷའི་པང་བར་ཐིམ་།
ཐོ་རེངས་སྐར་ཆེན་ཆུ་ཡི་བཞོན་པའི་བསྟུམས་།
ཉམ་ཐག་འགྲོ་བའི་འོད་སྣང་སུ་ལ་རེ་།